43255
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། གཞུང་འཆད་པའི་ཐབས་རྣམ་པ་ལྔ་ལ་བཤད་ཐབས་ཡན་ལག་ལྔ་ཟེར། ཡན་ལག་ལྔ་ནི། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །ཞེས་གསུངས་པ་ལྟར། བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ལ། དེ་ལྟར་འཆད་པའི་དགོས་པ་ནི། འཆད་པ་པོ་དང་ཉན་པ་པོས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུའོ། །དེ་ཡང་རྒྱན་གྱི་གདུལ་བྱས་བསྟན་བཅོས་བརྩམས་པའི་དགོས་པ་མཐོང་ནས། ཐོས་སོགས་ཀྱིས་འཇུག་པའི་ཕྱིར་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཀྱིས་དགོས་དོན་དང། དགོས་པ་མཐོང་བ་ཡང་བསྡུས་དོན་རགས་པ་ཙམ་མཐོང་བ་ལ་རག་ལས་པས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་སོགས་ཀྱིས་བསྡུས་དོན་དང། དེ་རྟོགས་པ་ཡང་ཚིག་དོན་ལ་རག་ལས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཀྱིས་ཚིག་དོན་དང། གཞུང་སྔ་ཕྱིའི་འབྲེལ་བ་མཚམས་སྦྱར་ལ་རག་ལས་པས། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཞེས་སོགས་ཀྱིས་མཚམས་སྦྱར་དང། ཁས་བླངས་དང་རང་ཚིག་སྔ་ཕྱི་མི་འགལ་བ་བརྒལ་ལན་ལ་རག་ལས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་ཀྱིས་བརྒལ་ལན་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་ཏེ། རྣམ་བཤད་རིགས་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་གྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམས་རིགས་པ་སྔ་ཕྱི་དག། །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:བཤད་ཐབས་ཡན་ལག་ལྔ་
|; |@@@ | | }}