43261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཤད་པའི་མདོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བཤད་པའི་མདོ་ནི་འདུལ་བ་ལུང་སྡེ་བཞི་པོ་དེ་ཡིན་ལ། དེ་བཞི་པོ་ནི་རྩ་བའི་མདོ་གཉིས་ཀྱི་འགྲེལ་བཤད་ཡིན་པས་ན་བཤད་པའི་མདོ་ཞེས་པའོ། །པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། རྩ་རྟགས་གཉིས་པ་གྲུབ་སྟེ། སོ་ཐར་མདོའི་དངོས་བསྟན་གྱི་དོན་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ལུང་རྣམ་འབྱེད། ཤུགས་ཀྱི་དོན་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ལུང་གཞི། དེ་གཉིས་སུ་མ་ཚང་བ་ཁ་འགེངས་པའི་དབང་དུ་བྱས་ནས་ལུང་ཕྲན་ཚེགས། དེ་རྣམས་ལ་དོགས་པ་གཅོད་པ་ལ་གཞུང་དམ་པ་སྟེ། ལུང་སྡེ་བཞི་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བཤད་པའི་མདོ་

|; |@@@ | | }}