43278
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ཕྱི་ལོ ༡༧༩༥ ལོར་སྤེལ་བཞིའི་ཁྱིམ་ཚང་དུ་འཁྲུངས། །ཆུང་དུས་བཀྲ་ཤིས་ལྷུན་པོར་རབ་ཏུ་བྱུང། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སུམ་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ ༡༨༣༤ ལོར་ལྷ་སར་ཕེབས། རྩེ་དྲུང་གི་ལས་ཀ་བསྒྲུབས། སྐྱ་སར་བབས་ཏེ་བཤད་སྒྲ་དོན་གྲུབ་རྡོ་རྗེའི་བུ་མོ་དང་གཉེན་སྒྲིག་བྱས། བཤད་སྒྲའི་རུས་མིང་ཡང་དེ་ལྟར་ཆགས། སོ་གཉིས་པར་ལྡིང་དཔོན་གྱི་ལས་འགན་འཁུར། དམག་སྲིད་ཀྱི་ལས་དོན་བསྒྲུབས། སོ་བརྒྱད་པར་ལ་དྭགས་ལ་དམག་དྲངས་ཏེ་རྒྱལ་ཁ་བླངས། སོ་དགུ་པ་ཕྱི་ལོ ༡༨༤༣ ལོར་བཀའ་བློན་གྱི་འགན་ཁུར། ནོར་བུ་གླིང་ཁ་དང་། བསམ་ཡས་གཙུག་ལག་ཁང་ཞིག་གསོ་ལ་ཐུགས་འགན་ཁུར། བསམ་ཡས་གཙུག་ལག་ཁང་གི་དཀར་ཆགས་བརྩམས། ང་གཅིག་པ་ཕྱི་ལོ ༡༨༥༥ གོར་བོད་དམག་འཁྲུག་གི་སྤྱི་ཁྱབ་དམག་སྤྱི་མཛད་ནས་འཐབ་འཛིང་དུ་ཞུགས་ཀྱང་རྒྱལ་ཁ་མ་ཐོབ། ང་བདུན་པ་ཕྱི་ལོ ༡༨༦༠ ལོར་རྭ་སྒྲེང་རྒྱལ་ཚབ་ཀྱིས་བཀའ་བློན་ལས་ཕབ། སྙེ་མོ་རྒྱལ་བྱེད་ཚལ་དུ་གནས་དབྱུང་བཏང་། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ ༡༨༦༢ ལོར་བཤད་སྒྲ་དབང་ཕྱུག་རྒྱལ་པོས་བསྐྱར་དུ་སྲིད་སྐྱོང་གི་འགན་ཁུར། ནོ་མིན་ཧན་ཆོ་ལོ་བསྩལ། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ཕྱི་ལོ ༡༨༦༤ ལོར་ལྷ་སར་སྐུ་གཤེགས། |
Synonyms | སྤེལ་བཞི་དབང་ཕྱུག་རྒྱལ་པོ། |
{{#arraymap:བཤད་སྒྲ་དབང་ཕྱུག་རྒྱལ་པོ་
|; |@@@ | | }}