43384
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚུལ་ཁྲིམས་བསླབ་པའི་སྲབ་བཟང་པོས་སེམས་ཀྱི་རྟ་རྒོད་དུལ་བ། དྲན་པ་དང་ཤེས་བཞིན་གྱིས་ཏིང་ངེ་འཛིན་ལ་བསླབ་པས་སེམས་ནང་དུ་ཞི་བར་གནས་པ། སེམས་ལས་སུ་རུང་བས་ཞི་གནས་ལ་བརྟེན་ཏེ་ཡང་དག་པའི་དོན་ལ་སོ་སོར་དཔྱོད་པས་ཤེས་རབ་སྐྱེས་པས་རྨོངས་པ་ཉེ་བར་ཞི་བ། སློབ་མ་ལས་དམན་པའམ་མཉམ་པ་མ་ཡིན་པ་ཡོན་ཏན་ཆེས་ལྷག་པ། གཞན་གྱི་དོན་ལ་སྤྲོ་བ་བརྟན་པའི་བརྩོན་འགྲུས་དང་བཅས་པ། སྡེ་སྣོད་གསུམ་མང་དུ་ཐོས་པའི་ལུང་གིས་ཕྱུག་པ། ཐོས་བསམ་སྒོམ་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ། གདུལ་བྱའི་བློ་ཚོད་དང་བསྟུན་པའི་ལམ་གྱི་རིམ་པ་སྨྲ་བ་སྟེ་བཤད་མཁས་པ་དང་ལྡན་པ། རྙེད་བཀུར་སོགས་ལ་མི་ལྟ་བར་སྙིང་རྗེས་ཆོས་སྟོན་པའི་ཀུན་སློང་དག་པས་བརྩེ་བའི་བདག་ཉིད། ཡང་ཡང་འཆད་པའི་མི་ངལ་ཞིང་ཁོང་ཁྲོ་བ་སོགས་བཟོད་པའི་སྐྱོ་ངལ་སྤངས་པ་ལ་བརྟེན་པར་བྱའོ། ། |
| Domain | ཆོས་ལུགས། |