43386
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཅུ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་དུལ་བ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པས་ཞི་བ། ལྷག་པ་ཤེས་རབ་ཀྱི་བསླབ་པས་ཉེ་བར་ཞི་བ། ལུང་གི་ཡོན་ཏན་གྱིས་ཕྱུག་པ། སྟོང་པ་ཉིད་རྟོགས་པ། སློབ་མ་ལས་ཡོན་ཏན་ལྷག་པ། སྨྲ་མཁས་པ། བརྩེ་བ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྐྱོ་ངལ་སྤངས་པ་སྟེ་བཅུ། |
| Domain | ཆོས་ལུགས། |