43396
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་དཀྱིལ་དུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། གཞུང་ཆེན་ཀུན་ལ་བསླབ་པར་མཐར་སོན་པ་གནང་། སྨད་རྒྱུད་གྲྭ་ཚང་དུ་ཞུགས། གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས། རྒྱུད་པའི་རྡོ་རྗེ་སློབ་དཔོན་མཛད། ཁྲི་ཆེན་སྦྱིན་པ་རྒྱ་མཚོ་བསྟེན། བྱང་ཆུབ་ལམ་རིམ་གྱི་ཁྲིད་སོགས་གསན། དབུས་སྟོད་ལོ་དགོན་དུ་ཕེབས། ཉམས་ལེན་གྱི་མངོན་རྟོགས་བརྙེས། བུ་སློབ་རྣམས་ལ་བྱང་ཆུབ་ལམ་རིམ་གྱི་ཁྲིད་གནང་། སྒྲུབ་བརྒྱུད་ཀྱི་བསྟན་པ་གོང་འཕེལ་མཛད། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་རེ་བདུན་པ་ཡིན། |