43507
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། བསམ་གཏན་གྱི་དངོས་གཞི་དང་བསམ་གཏན་གྱི་ཉེར་བསྡོགས་གང་རུང་ཡང་ཡིན། རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་གྱི་དངོས་གཞི་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བསམ་གཏན་གྱི་སས་བསྡུས་ཀྱི་རིག་པར་དམིགས་པ། བསམ་གཏན་གྱི་ཉེར་བསྡོགས་ཀྱི་མཚན་ཉིད། དབྱེ་ན། བསམ་གཏན་དང་པོའི་ཉེར་བསྡོགས། བསམ་གཏན་གཉིས་པའི་ཉེར་བསྡོགས། བསམ་གཏན་གསུམ་པའི་ཉེར་བསྡོགས། བསམ་གཏན་བཞི་པའི་ཉེར་བསྡོགས་བཅས་བཞི་ཡོད། |
| Domain | ཆོས་ལུགས། |