43508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་ཉེར་བསྡོགས་ཞི་གནས་ (1)
Part of speech མིང་ཚིག
Definition བསམ་གཏན་དང་པོ་ལྟ་བུ་ལ་མཚོན་ན། སེམས་གནས་པའི་ཐབས་དགུ་བསྒོམས་ནས་དགུ་པའི་གནས་སྐབས་སུ་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ན། བསམ་གཏན་དང་པོའི་སས་བསྡུས་པའི་ཉེར་བསྡོགས་ཞི་གནས་སྐྱེས་པ་ཡིན་ལ། དེའི་ཚེ་ཡིད་ལ་བྱེད་པ་བཅུ་གཅིག་དང་བཅས་ཤིང་། དེ་དག་རིམ་པ་བཞིན་དུ་འཕེལ་བ་ཡིས་དངོས་གཞིའི་གནས་པ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ཉེར་བསྡོགས་ཞི་གནས་དེ་ལ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བརྟེན་པའི་ཚེ། ཉེར་བསྡོགས་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། རང་ས། གོང་ས། འོག་སའི་ཉོན་མོངས་པ་ཐམས་ཅད་སྤོང་ནུས་པའི་ཕྱིར་རོ། །དེས་ན་རྒྱུན་ཞུགས་དང་། ཕྱིར་འོང་དང་། རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་རྣམས་ཀྱི་ལམ་ཟག་མེད་ཀྱི་སེམས་རྟེན་དུ་གྱུར་པའི་ཉེར་བསྡོགས་ཡང་དེ་ཉིད་ཡིན་གྱི། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་སོགས་ནི་མ་ཡིན་ཏེ། དེ་དག་ནི་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ། ལམ་ཟག་མེད་བརྟེན་པ་འགལ་བའི་ཕྱིར་རོ། །ཞི་གནས་དེ་ལ་ལམ་ཟག་མེད་མི་བརྟེན་པར་མཚན་ཉིད་རབ་ཏུ་རིག་པ་སོགས་ལ་བརྟེན་པའི་ཚེ་འོག་ས་ཁོ་ནའི་ཉོན་མོངས་སྤོང་ལ་དངོས་གཞི་ཐོབ་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། །
Domain ཆོས་ལུགས།