43511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་དག་བྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དག་བྱེད་བསམ་གཏན་གྱི་ཡན་ལག་གི་དག་བྱ་དྲུག་སྟེ། མཁའ་ཁམས། རྣམ་ཤེས་ཀྱི་ཕུང་པོ། རྣ་བའི་དབང་པོ། ཡུལ་ཆོས་ཁམས། གསང་བའི་དབང་པོ། ཁུ་བ་འདོར་བ་བཅས་ཡིན་ལ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། སྦྱང་བྱ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣང་བའི་མ་དག་པའི་ཕུང་ཁམས་སོ་དྲུག་སྟེ། དེས་སྦྱང་གཞི་བདེ་གཤེགས་སྙིང་པོ་དེ་སེམས་ཅན་རྣམས་ལ་བསྒྲིབས་པའོ། །སྒྲིབ་པ་དེ་སྤོང་བྱེད་དམ། སྦྱོང་བྱེད་དམ། དག་བྱེད་ནི་སྦྱོར་བ་ཡན་ལག་དྲུག་གོ །ཞེས་བྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བསམ་གཏན་གྱི་དག་བྱ་

|; |@@@ | | }}