43512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་དག་འབྲས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཡན་ལག་དྲུག་གི་དག་འབྲས་ཀྱི་ནང་ཚན་ཞིག་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། མཁའ་ཁམས་རྡོར་དབྱིངས་དབང་ཕྱུག་མ། རྣམ་ཤེས་མི་བསྐྱོད་པ། རྣ་བ་ཕྱག་རྡོར། ཆོས་ཁམས་ཆོས་ཁམས་རྡོ་རྗེ་མ། གསང་བའི་དབང་པོ་གཙུག་ཏོར་འཁོར་ལོས་བསྒྱུར་བ། ཁུ་བ་འདོར་བ་དྲག་མིག་མ་སྟེ། དེ་ལྟར་ནམ་མཁའི་རིགས་དྲུག་ནི། བསམ་གཏན་གྱི་ཡན་ལག་གིའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་གྱི་དག་འབྲས་

|; |@@@ | | }}