43513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་དངོས་གཞི་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སེམས་རང་གི་དམིགས་པ་ལས་གཞན་དུ་མི་གཡོ་བར་དེ་ལ་གཏན་དུ་གནས་པར་བྱེད་པའི་དངོས་གཞིར་གྱུར་པའི་གཟུགས་ཁམས་སས་བསྡུས་ཀྱི་སེམས་དང་སེམས་བྱུང་གང་རུང་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་བཤད་པ་ནི། ཡན་ལག་གི་སྒོ་ནས་རང་གི་འོག་ས་ལས་འདས་པའི་བསམ་གཏན་གྱི་སས་བསྡུས་ཀྱི་དགེ་བའི་རིག་པ། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་འཇོག་བྱེད། ཅེས་གསུངས། དེ་ལ་དབྱེ་ན། བསམ་གཏན་དང་པོའི་དངོས་གཞི། གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་པའི་དངོས་གཞི་བཅས་བཞི་ཡོད་དོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་གྱི་དངོས་གཞི་

|; |@@@ | | }}