43514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཁྱད་པར་དུ་བྱས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག སྙོམས་འཇུག་གི་དངོས་གཞིས་བསྡུས་པའོ། །དབྱེ་བ་ལ་སའི་སྒོ་ནས་དབྱེ་ན་བཞི་སྟེ། བསམ་གཏན་དང་པོའི་དངོས་གཞི། བསམ་གཏན་གཉིས་པའི་དངོས་གཞི། བསམ་གཏན་གསུམ་པའི་དངོས་གཞི། བསམ་གཏན་བཞི་པའི་དངོས་གཞིའོ། །ངོ་བོའི་སྒོ་ནས་དབྱེ་ན་གསུམ་སྟེ། སྙོམས་འཇུག་ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}

བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ (2)
Part of speech མིང་ཚིག
Definition གོང་མའི་དངོས་གཞིའི་སྙོམས་འཇུག་གང་ཞིག་ཡན་ལག་གི་སྒོ་ནས་འོག་ས་ལས་འདས་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། རང་གི་འོག་ས་ལ་འདོད་ཆགས་དང་མ་བྲལ་བའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དང༌། བསམ་གཏན་གྱི་ཡན་ལག་རྣམས་ཀྱང་བསམ་གཏན་གྱི་དངོས་གཞིར་བསྡུ་བའི་ཆེད་ཡིན་པའི་ཕྱིར།

{{#arraymap:བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}

བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ (3)
Part of speech མིང་ཚིག
Definition ཡན་ལག་གི་སྒོ་ནས་རང་གི་འོག་ས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་བསམ་གཏན་སས་བསྡུས་ཀྱི་དགེ་བར་གྱུར་པའི་རིག་པ། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་སུ་ཡོད་དེ། མཛོད་ལས། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །ཅེས་གསུངས་པའི་ཕྱིར། ཡང་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་དབྱེ་ན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག བསམ་གཏན་གསུམ་པའི་དངོས་གཞིའི་སྙོམས་འཇུག བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་བཅས་བཞི་ཡོད།

{{#arraymap:བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}