43519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དྲན་པ་ཡོངས་སུ་དག་པ། ༢ བློ་གྲོས་ཡོངས་སུ་དག་པ། ༣ རྟོགས་པ་ཡོངས་སུ་དག་པ། ༤ ངོ་ཚ་ཤེས་པ་ཡོངས་སུ་དག་པ། ༥ ཁྲེལ་ཡོད་པ་ཡོངས་སུ་དག་པ། ༦ མོས་པ་ཡོངས་སུ་དག་པ། ༧ བསྔོ་བ་ཡོངས་སུ་དག་པ། ༨ བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཡོངས་སུ་དག་པ། ༩ དབང་པོ་སྦས་པ་ཡོངས་སུ་དག་པ། ༡༠ མི་གནས་པ་ཡོངས་སུ་དག་པ། ༡༡ དེ་ལ་མ་ཆགས་པ་ཡོངས་སུ་དག་པ། ༡༢ མངོན་པར་ཤེས་པ་བསྐྱེད་པ་ཡོངས་སུ་དག་པ། ༡༣ སེམས་ལས་སུ་རུང་བ་ཡོངས་སུ་དག་པ། ༡༤ ལུས་དབེན་པ་ཡོངས་སུ་དག་པ། ༡༥ བྲག་ཅ་ཤེས་པ་ཡོངས་སུ་དག་པ། ༡༦ ནང་ཉེ་བར་ཞི་བ་ཡོངས་སུ་དག་པ། ༡༧ ཕྱི་རོལ་ཏུ་མི་རྒྱུ་བ་ཡོངས་སུ་དག་པ། ༡༨ དམིགས་པའི་ལྟ་བ་སྤོང་པ་ཡོངས་སུ་དག་པ། ༡༩ བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པར་སོ་སོར་རྟོག་ཅིང་ཁམས་གསུམ་པ་ལ་མི་གནས་པ་ཡོངས་སུ་དག་པ། ༢༠ བྱང་ཆུབ་ཀྱི་ཡན་ལག་གི་སྒོ་ཡོངས་སུ་དག་པ། ༢༡ སེམས་ཅན་ལ་ལྟ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། ༢༢ ཤེས་རབ་ལ་འཇུག་པས་རབ་རིབ་མེད་ཅིང་སྣང་བ་ཡོངས་སུ་དག་པ། ༢༣ རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་མི་འགལ་བ་ཡོངས་སུ་དག་པ། ༢༤ ཆོས་ལ་སེམས་པའི་བཟོད་པ་ཡོངས་སུ་དག་པ། ༢༥ ཚུལ་བཞིན་གྱི་རྣམ་པའི་ཆོས་ལ་སོ་སོར་རྟོག་པ་ཡོངས་སུ་དག་པ། ༢༦ ཐབས་ལ་མཁས་པ་བསྡུ་བ་ཡོངས་སུ་དག་པ། ༢༧ བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པ་ཡོངས་སུ་དག་པ། ༢༨ ཉན་ཐོས་དང་རང་སངས་རྒྱས་མི་འདྲེ་བ་ཡོངས་སུ་དག་པ། ༢༩ མི་གཡོ་བའི་བསམ་གཏན་སྒྲུབ་པ་ཡོངས་སུ་དག་པ། ༣༠ སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐོབ་པ་ལ་མི་གཡེང་བ་ཡོངས་སུ་དག་པ། ༣༡ སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལྟ་བ་ཡོངས་སུ་དག་པ། ༣༢ སེམས་ཅན་ཐམས་ཅད་ཀྱི་དབང་པོའི་མཆོག་དང་མཆོག་མ་ཡིན་པ་ཤེས་ནས་སོ་སོར་ཅི་རིགས་པར་ཆོས་སྟོན་པ་ཡོངས་སུ་དག་པ། རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་

|; |@@@ | | }}