43522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། དགེ་བའི་ཆོས་ལ་གནས་པ་སྔོན་དུ་འགྲོ་བ། ཏིང་ངེ་འཛིན་སྔོན་དུ་འགྲོ་བ། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྔོན་དུ་འགྲོ་བ། བསམ་གཏན་དང་། རྣམ་པར་ཐར་པ་སྔོན་དུ་འགྲོ་བ། ཏིང་ངེ་འཛིན་གྱི་དབང་པོ་སྔོན་དུ་འགྲོ་བ། ཏིང་ངེ་འཛིན་གྱི་སྟོབས་སྔོན་དུ་འགྲོ་བ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་སྔོན་དུ་འགྲོ་བ། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ། དམ་པའི་ཆོས་ཡོངས་སུ་བསྲུང་བ་སྔོན་དུ་འགྲོ་བའོ། །
Domain ཆོས་ལུགས།