43534
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་ཡོད་པའི་གཉེན་པོའི་ཡན་ལག་ནི་རྟོག་དཔྱོད་ཡིན་ཏེ། དེས་མི་མཐུན་པའི་ཕྱོགས་འདོད་པ་ལ་འདུན་པ་དང་རྣམ་འཚེ་སྤོང་བའི་ཕྱིར། དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། མི་མཐུན་ཕྱོགས་དེ་སྤངས་ན་དེས་དབེན་པའི་དགའ་བདེ་ཐོབ་པའི་ཕྱིར། ཏིང་ངེ་འཛིན་ནི་རྟེན་ནམ་གནས་ཀྱི་ཡན་ལག་ཡིན་ཏེ། དེའི་སྟོབས་ཀྱིས་རྟོག་པ་སོགས་ཀྱི་ཡན་ལག་གཞན་རྣམས་འཇུག་པའི་ཕྱིར་ན་ཏིང་ངེ་འཛིན་དེ་ལ་ཡན་ལག་གཞན་རྣམས་བརྟེན་པ་ཡིན་ནོ། །གཉིས་པ་ལ་ཡན་ལག་བཞི་ལས། ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། དེས་མི་མཐུན་ཕྱོགས་རྟོགས་དཔྱོད་སྤོང་བའི་ཕྱིར། དགའ་བདེ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཁྱད་པར་ཅན་ཡིན་པའི་ཕྱིར། ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་ལས། འདུ་བྱེད་བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་གསུམ་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་མི་མཐུན་པའི་ཕྱོགས་དགའ་བ་སྤོང་བའི་ཕྱིར། སེམས་ཚོར་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དགའ་བ་ལས་འདོད་ཆགས་དང་བྲལ་བའི་བདེ་བ་ཐོབ་པའི་ཕྱིར། ཏིང་ངེ་འཛིན་ནི་རྟེན་གྱི་ཡན་ལག་གོ །དེས་ན་བསམ་གཏན་གསུམ་པ་ན་བདེ་བ་ཡོད་མོད། འོན་ཀྱང་དང་པོ་དང་གཉིས་པ་ན་ཡོད་པའི་ཆུ་ལྟ་བུའི་བདེ་བ་དེ་འདྲའི་རིགས་མེད་པས་རྣམ་དབྱེ་ཤེས་པར་བྱའོ། །བཞི་པ་ལ་ཡན་ལག་བཞི་ཡོད་པའི་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་མི་མཐུན་ཕྱོགས་བདེ་བ་སྤོང་བའི་ཕྱིར། ཕན་ཡོན་ནི་ཚོར་བ་བཏང་སྙོམས་དང་། གནས་ཀྱི་ཡན་ལག་ནི་ཏིང་ངེ་འཛིན་ཏོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |