43545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གྱི་སྙོམས་འཇུག་དག་པ་བ་ (1)
Part of speech མིང་ཚིག
Definition བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དག་པ་བའི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་མ་རྟོགས་པའོ། །དབྱེ་བ་ལ། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་དང་བཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། །
Domain ཆོས་ལུགས།