43551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་གླིང་ (1)
Part of speech མིང་ཚིག
Definition དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་གི་གླིང་ཕྲན་ཏེ། མི་གཡོ་བསམ་གཏན་གླིང་། བསམ་ཡས་དཀར་ཆག་ཏུ། ལྷ་ཚོགས་ནི་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་ཐུགས་དམ་གྱི་རྟེན་རྩེད་ཐང་གོང་པོ་རི་ནས་སྤྱན་དྲངས་པའི་སངས་རྒྱས་རྣམ་པར་སྣང་མཛད་གཉེན་པོ་བྱིན་ཅན་ཞེས་སུ་གྲགས་པ་དེས་གཙོ་བྱས་པའི་རྒྱལ་བ་རིགས་ལྔ་ལ། བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་གིས་བསྐོར་བ། རི་མོར་ངན་སོང་སྦྱོང་བའི་རྒྱུད་རིས། ཁོར་ཁྱམས་ལ་སངས་རྒྱས་ཕལ་པོ་ཆེའི་རྒྱུད་རིས་བཀོད། ལྷ་ཁང་དེ་ནི་སྒོམ་སྒྲུབ་བྱེད་པའི་གླིང་ཡིན། ད་ལྟ་སྒྲུབ་གྲྭ་ཁང་གསར་བཞེངས་བྱས་ཡོད། ཞེས་འབྱུང་། བདུད་འཇོམས་རྒྱལ་རབས་སུ། འཁོར་ཉན་ཐོས་བཅུ་དྲུག རྒྱུད་རིས་གསེར་འོད་དམ་པ་ངེས་དོན་གྱི་ལུགས་བཅས་བྲིས། དེ་རྣམས་བཀའ་སྲུང་ཆོས་སྐྱོང་རྒྱལ་པོ་དངུལ་གྱི་མགོ་ཅན་ལ་གཏད། བསམ་གཏན་སྒྲུབ་པ་བྱེད་པའི་གླིང་ངོ་། །ཞེས་འབྱུང་། ཉང་རལ་ཆོས་འབྱུང་དུ། རི་མོ་ཚེ་དཔག་མེད་དང་། ངན་སོང་སྦྱོང་བ་དང་། གཙུག་ཏོར་འོད་ཀྱི་དཀྱིལ་འཁོར་གསུམ། འཁོར་ཁྱམས་ན་ཕལ་པོ་ཆེའི་རྒྱུད་རིས་བཞུགས་སོ། །ཞེས་འབྱུང་ངོ་། །