From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསམ་གཏན་དང་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
བསམ་གཏན་དང་པོའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ནི་དཔྱོད་པ་དང་། དགའ་བ་དང་བདེ་བ་དང་ལྡན་པའི་དགེ་བ་རྩེ་གཅིག་པ་སྟེ། དེ་ན་རྟོག་པའང་ཡོད་པ་ནི་དགའ་བདེ་དང་ལྡན་པའི་དཔྱོད་པས་མཚོན་ནུས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། བསམ་གཏན་དང་པོ་ནི་ས་དེ་ན་དུ་བ་ལ་མེས་ཁྱབ་པ་ལྟར་ལྷན་ཅིག་སྤྱོད་པ་ཡིན་པས་རྟོག་པ་མེད་པར་དགའ་བདེ་དང་ལྡན་པའི་དཔྱོད་པ་མི་སྲིད་པས་དཔྱོད་པ་དང་དེས་མཚོན་པའི་རྟོག་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པའི་དགེ་བ་རྩེ་གཅིག་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
བསམ་གཏན་དང་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
བསམ་གཏན་བཞིའི་ནང་གསེས། འདོད་ཁམས་ཀྱི་འདོད་ཡོན་ལ་སྤྱོད་པ་ནི་སྐྱོན་ཡིན་ལ་བསམ་གཏན་ལ་སོགས་པ་ནི་ཞི་བ་དང་བདེ་བ་ཡིན་པར་རྟོག་ཅིང་དཔྱོད་པའི་སྒོ་ནས་གོང་མའི་ཡོན་ཏན་ཐོབ་སྟེ་མི་མཐུན་པའི་ཕྱོགས་འདོད་ཁམས་ཀྱི་འདོད་པ་ལ་འདུན་པའི་ཆགས་པ་དང༌། གནོད་སེམས་རྣམ་འཚེའི་རྟོག་པ་དང་སྡུག་བསྔལ་ཡིད་མི་བདེ་སོགས་སྤོང་བའི་གཉེན་པོའི་ཡན་ལག་རྟོག་དཔྱོད་གཉིས་དང༌། ཕན་ཡོན་གྱི་ཡན་ལག་དགའ་བདེ་གཉིས་དང༌། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བཅས་ཆ་ཤས་སམ་ཡན་ལག་ལྔ་དང་ལྡན་པའི་བསམ་གཏན་ནོ། །
|