43568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་པོའི་ཉེར་བསྡོགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསམ་གཏན་གྱི་ཉེར་བསྡོགས་ཀྱང་ཡིན། རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་དང་པོའི་དངོས་གཞི་ཐོབ་ཕྱིར་དུ་བརྩོན་པའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་རིག་པར་དམིགས་པ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་མཚན་ཉིད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཐོག་མར་གྱུར་བའི་ཞི་གནས་དང་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད། མོས་པ་ཡིད་བྱེད། རབ་ཏུ་དབེན་པ་ཡིད་བྱེད། དགའ་བ་སྡུད་པའི་ཡིད་བྱེད། དཔྱོད་པ་ཡིད་བྱེད། སྦྱོར་བ་མཐའི་ཡིད་བྱེད། སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་བཅས་བརྒྱད་ཡོད་དོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་དང་པོའི་ཉེར་བསྡོགས་

|; |@@@ | | }}

བསམ་གཏན་དང་པོའི་ཉེར་བསྡོགས་ (2)
Part of speech མིང་ཚིག
Definition རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཐོབ་པར་བྱེད་བའི་ཐབས་ཀྱི་གཙོ་བོ་གང་ཞིག །གོང་སས་བསྡུས་པའི་དགེ་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ལས་དང་པོ་བའི་ཡིད་བྱེད་དང༌། ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད་གཉིས་ཡོད་དོ། །

{{#arraymap:བསམ་གཏན་དང་པོའི་ཉེར་བསྡོགས་

|; |@@@ | | }}