43573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་པོའི་དངོས་གཞི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གི་ཡན་ལག་ཏུ་གྱུར་པའི་དཔྱོད་པ་གཉེན་པོའི་ཡན་ལག་ཏུ་ལྡན་པའི་སྒོ་ནས་འདོད་པ་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་རིག་པར་དམིགས་པ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། དེ་ལ་དབྱེ་ན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཙམ་པོ་བ་དང་། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཁྱད་པར་ཅན་གཉིས་སུ་ཡོད། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ལ་གཉིས་པོ་དེར་དབྱེ་བ་ནི་དག་པ་པའི་དབང་དུ་བྱས་པ་ཡིན་གྱི་ཟག་མེད་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །འོ་ན་བསམ་གཏན་དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས་སུ་ཕྱེ་ནས་བསམ་གཏན་ཕྱི་མ་གསུམ་གྱི་དངོས་གཞི་ལ་དེ་གཉིས་སུ་མི་འབྱེད་པའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་པའི་རྟོག་པ་དེ་ཆེས་རགས་པ་ཡིན་པས་དེ་ལ་འདུན་པའི་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོའི་རང་ས་ལ་འདུན་པའི་འདོད་ཆགས་དང་མ་བྲལ་བ་སྲིད་པས་བསམ་གཏན་དང་པོའི་དངོས་གཞི་ལ་དེ་གཉིས་སུ་ཕྱེ། བསམ་གཏན་ཕྱི་མ་གསུམ་གྱི་ཡན་ལག་འགའ་ཞིག་ལ་འདུན་པའི་འདོད་ཆགས་དང་བྲལ་ནས་རང་ས་ལ་འདུན་པའི་འདོད་ཆགས་དང་མ་བྲལ་བ་མི་སྲིད་པས་བསམ་གཏན་ཕྱི་མ་གསུམ་གྱི་དངོས་གཞི་ལ་ཙམ་ཁྱད་གཉིས་སུ་མ་ཕྱེ་བ་ཡིན་པའི་ཕྱིར།
Domain ཆོས་ལུགས།