43574
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མདོ་སྡེ་པ། བསམ་གཏན་དང་པོའི་དངོས་གཞིའི་སས་བསྡུས་ཀྱི་ལུས་ཚོར་བདེ་བ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། མདོ་སྡེ་པས་ནི། བསམ་གཏན་དང་པོ་གསུམ་ཆར་གྱི་སས་བསྡུས་པའི་ལུས་བདེ་ཡོད་པས། བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་པའི་ལུས་ཚོར་བདེ་བ་ཡོད་པར་མ་ཟད། བསམ་གཏན་བར་པ་གཉིས་ཀྱི་ཡན་ལག་ཏུ་གྱུར་པའི་ལུས་ཚོར་བདེ་བའང་ཡོད་པར་བཞེད་པར་མངོན་ཏེ། དེས་བྱེ་སྨྲའི་འདོད་པ་འགོག་པ་ན། བསམ་གཏན་སྔ་མ་གཉིས་སུ་ཤིན་སྦྱངས་ལ་བདེ་བར་བརྗོད་ན། འོ་ན། བསམ་གཏན་སྔ་མ་གཉིས་ལས་ཤིན་སྦྱངས་ཁྱད་པར་དུ་འཕགས་པ་བསམ་གཏན་བཞི་པ་ན་ཡོད་པས། བཞི་པའི་ཡན་ལག་ཏུའང་བདེ་བ་སྨོས་རིགས་པ་ལས་མ་སྨོས་པའི་ཕྱིར་རོ་ཞེས་སོགས་ཀྱི་སྐྱོན་བརྗོད་ཚུལ་རྣམས་ཀྱིས་ཤེས་སོ། །ཞེས་དང་། མཆིམས་མཛོད་ལས། མཉམ་པར་བཞག་པ་ན་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ཤིན་ཏུ་སྦྱངས་པའི་རེག་བྱ་ཞེས་པ་ལུས་ཡང་ཞིང་ཟོ་མདོག་བདེ་བར་བྱེད་ཅིང་བདེ་བའི་ཚོར་བ་དང་མཐུན་པའི་རླུང་གིས་ལུས་ལ་རྒྱས་ཤིང་ཁྱབ་པས་དེའི་མཐུས་ཤིན་ཏུ་སྦྱངས་པའི་རེག་བྱ་ལ་དམིགས་པའི་ཏིང་ངེ་འཛིན་དང་མཐུན་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་འབྱུང་བའི་ཕྱིར་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་དེ་ཉིད་ལུས་ཀྱི་ནང་དུ་འབྱུང་བས་ཕྱི་རོལ་ཏུ་གཡེངས་པར་ཡང་མི་འགྱུར་ལ། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་དེ་སྐྱེས་པ་ན་ཏིང་ངེ་འཛིན་ལས་ཉམས་པ་དང༌། ལངས་པར་ཡང་མི་འགྱུར་བའི་ཕྱིར་དང༌། སྤྱིར་འདོད་པའི་ལུས་དབང་གིས་གཟུགས་ཀྱི་རེག་བྱ་ལ་དམིགས་པའི་ལུས་ཤེས་སྐྱེད་པའི་ཁྱབ་པ་མེད་ཀྱང༌། འདིར་ཏིང་ངེ་འཛིན་གྱིས་སྟོབས་བསྐྱེད་པའི་མཐུས་མཉམ་གཞག་གི་འདོད་པའི་ལུས་དབང་གིས་གཟུགས་ཀྱི་ཤིན་ཏུ་སྦྱངས་པའི་རེག་བྱ་ལ་དམིགས་པ་ཤིན་ཏུ་སྦྱངས་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་ནུས་ཤིང༌། དེ་ཉིད་ཀྱིས་ན་ལུས་བདེ་བསམ་གཏན་གྱི་ཡན་ལག་ཏུའང་གྲུབ་ལ། ཤིན་ཏུ་སྦྱངས་པའི་རེག་བྱ་དང་ལུས་ཤེས་ཟག་མེད་དུ་ཐལ་བ་ནི་འདོད་པ་ཉིད་དེ། ལམ་གྱི་ཚོགས་ཀྱི་མདོ་ལས། ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང༌། རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་དང༌། སེམས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མངོན་པར་ཤེས་པ་དང༌། རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་ཞེས་ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |