43577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཙམ་པོ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་གང་ཞིག རྟོག་པ་ལ་འདོད་ཆགས་དང་མ་བྲལ་བའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཙམ་པོ་བའི་མཚན་ཉིད་ཡིན། བསམ་གཏན་དང་པོ་ལ་འདོད་ཆགས་དང་མ་བྲལ་བར་དེའི་ཡན་ལག་འགའ་ཞིག་ལ་འདོད་ཆགས་དང་བྲལ་བར་བྱར་ཡོད་པའི་ཕྱིར་ཏེ། བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་བའི་རྟོག་པ་རགས་པ་དང་དཔྱོད་པ་སོགས་ཡན་ལག་ལྷག་མ་རྣམས་ཅུང་ཟད་ཕྲ་བའི་ཕྱིར།
Domain ཆོས་ལུགས།
བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཙམ་པོ་བ་ (2)
Part of speech མིང་ཚིག
Definition བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཀྱང་ཡིན། རང་གི་ཡན་ལག་ཏུ་གྱུར་པའི་རྟོག་དཔྱོད་གཉེན་པོའི་ཡན་ལག་ཏུ་ལྡན་ཞིང་རང་གི་ཡན་ལག་ཏུ་གྱུར་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད།