43580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་པོའི་ཡན་ལག་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་ཡོད་དེ། གཉེན་པོའི་ཡན་ལག་ཏུ་གྱུར་པའི་རྟོག་དཔྱོད་གཉིས། ཕན་ཡོན་གྱི་ཡན་ལག་ཏུ་གྱུར་པའི་དགའ་བདེ་གཉིས། གནས་ཀྱི་ཡན་ལག་དུ་གྱུར་པའི་ཏིང་ངེ་འཛིན་རྣམས་སུ་ཡོད་པའི་ཕྱིར། འོ་ན་བསམ་གཏན་དང་པོའི་ཡན་ལག་ཏུ་གྱུར་པའི་རྟོག་དཔྱོད་གཉིས་པོ་དེ་གང་། དེ་གཉིས་དེའི་གཉེན་པོའི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན། བཤད་དུ་ཡོད་དེ། འདོད་པ་ནི་རགས་པ་ཡིན་ལ་བསམ་གཏན་དང་པོ་ནི་ཞི་བའོ་སྙམ་དུ་རྩིང་བའི་རྣམ་པས་རྟོག་པར་བྱེད་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་རིག་པ་ནི་དེའི་ཡན་ལག་ཏུ་གྱུར་པའི་རྟོག་པ་དང་། འདོད་པ་ནི་ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་སོགས་ཀྱི་སྒོ་ནས་རགས་པ་ཡིན་ལ། བསམ་གཏན་དང་པོ་དེ་ལ་ལྟོས་ཏེ་ཞི་བའོ།། སྙམ་དུ་ཞིབ་པའི་རྣམ་པས་དཔྱོད་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་རིག་པ་ནི་དེའི་ཡན་ལག་ཏུ་གྱུར་པའི་དཔྱོད་པར་གཞག་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་གསུངས་པའི་ཕྱིར།
Domain ཆོས་ལུགས།