43581
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སེམས་བྱུང་ང་གཅིག་ལས་བསམ་གཏན་དང་པོར་ཡོད་པ་རྣམས་ཏེ། འདོད་ཁམས་སེམས་གང་ལ་སེམས་ལས་བྱུང་བ་དུ་ཞིག་འབྱུང་བ་བཤད་པ་དེ་ལས་འགྱོད་པ་དང་གཉིད་མི་དགེ་བའི་སེམས་ལས་བྱུང་བ་དང་། མ་ངེས་པའི་ཁོང་ཁྲོ་དང་མི་དགེ་བའི་ངོ་ཚ་མེད་པ་དང་ཁྲེལ་མེད་གཉིས་དང་། གཡོ་སྒྱུ་དང་རྒྱགས་པ་གསུམ་མ་གཏོགས་པ་ཉོན་མོངས་པ་ཆུང་ངུའི་ས་པ་བདུན་པོ་རྣམས་ནི་བསམ་གཏན་དང་པོ་ལ་མེད་དོ། །དེ་དག་ལས་གཞན་པའི་སེམས་ལས་བྱུང་བ་རྣམས་སོ། ། གོང་གི་སེམས་ལས་བྱུང་བ་རྣམས་བསམ་གཏན་དང་པོར་མེད་པའི་རྒྱུ་མཚན་ནི་རིམ་པ་བཞིན། འགྱོད་པ་ནི་ཡིད་མི་བདེ་དང་མཚུངས་པར་ལྡན་པ་ཡིན་པ་ལ་དེ་ནི་རྒྱུད་ཞི་གནས་ཀྱིས་བརླན་པས་དེར་གྲོགས་ཡིད་མི་བདེ་མེད་པའི་ཕྱིར་དང་། གཉིད་ནི་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དང་སེམས་མངོན་པར་སྡུད་པའི་མཚན་ཉིད་ཅན་ཡིན་ལ། གཟུགས་ཁམས་པ་དག་ནི་སེམས་བསྡུས་པ་ན་ཏིང་ངེ་འཛིན་ཁོ་ནར་འགྱུར་བའི་ཕྱིར་རོ། །གཟུགས་ཁམས་འདིར་ཉོན་མོངས་སྐྱེས་ཀྱང་རྣམ་སྨིན་སྡུག་བསྔལ་མི་འབྱིན་ཅིང་། ལུས་ངག་གི་ཉེས་སྤྱོད་མི་སློང་བས་ཁོང་ཁྲོ་སོགས་ཉོན་མོངས་ལྷག་མ་རྣམས་མེད་དོ། ། |
| Domain | ཆོས་ལུགས། |