43583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་ (1)
Part of speech མིང་ཚིག
Definition བསམ་གཏན་དུ་གཏོགས་པའི་དགེ་བ་གཟུགས་ཅན་ཡིན་མིན་ཀུན་ནི། ས་གོང་མ་ལས་འོག་མ་དག་ཏུ་འཕོས་པ་དང་། གོང་མའི་སྙོམས་འཇུག་ལས་ཉམས་པ་སྟེ། རྒྱུ་གཉིས་དག་གིས་གཏོང་ལ། དེ་བཞིན་དུ་གཟུགས་མེད་གཏོགས་པའང་ས་འཕོས་པ་དང་ཉམས་པ་དག་གིས་གཏོང་ངོ་། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། བསམ་གཏན་དུ་གཏོགས་པའི་དགེ་བ་གཟུགས་ཅན་ཡིན་པ་ཐམས་ཅད་ནི་འོག་ས་ནས་གོང་སར་སྐྱེས་པ་དང་གོང་ས་ནས་འོག་སར་སྐྱེས་པ་ན་རིམ་པ་ལྟར་འོག་ས་དང་གོང་སས་བསྡུས་པ་གཏོང་བས་ན་ས་འཕོས་པ་དང་། སྙོམས་པར་འཇུག་པ་དེ་ཐོབ་ནས་ཡང་ཉམས་པ་དག་གིས་ཀྱང་གཏོང་བའི་ཕྱིར་རྒྱུ་གཉིས་ཀྱིས་གཏོང་ངོ་། །དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཙམ་དང་དེ་ལ་བརྟེན་པའི་སྦྱོར་ལམ་ལ་སོགས་པ་ནི་ཤི་བས་ཀྱང་གཏོང་སྟེ། འགྲེལ་བ་ལས། རིས་མཐུན་པ་བཏང་ཞེས་གསུངས་པའི་ཕྱིར་དང་། འོག་ནས་ཀྱང་འཕགས་མིན་ཤི་བས་སོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བ་ས་འཕོས་པ་དང་ཡོངས་སུ་ཉམས་པས་གཏོང་བ་དེ་བཞིན་གཟུགས་མེད་དུ་གཏོགས་པའི་དགེ་བའང་ས་འཕོས་པ་དང་ཉམས་པ་དག་གིས་གཏོང་ངོ་། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།