43590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་ཕར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། བསམ་གཏན་གྱི་མཚན་ཉིད། རྫོགས་པའི་སངས་རྒྱས་ཀྱི་དོན་དུ་མཉམ་པར་འཇོག་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དབྱེ་བ་ལ། འཇིིག་རྟེན་པ་དང་ཐུན་མོང་བའི་བསམ་གཏན། ཉན་ཐོས་དང་ཐུན་མོང་བའི་བསམ་གཏན་དང། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་བསམ་གཏན་ནོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་དམིགས་པ་ལ་རྩེ་གཅིག་པའོ། །སྒྲ་དོན་ནི། ཡིད་འཛིན་པ་བྱེད་པའི་ཕྱིར་བསམ་གཏན་ནོ། །བསམ་གཏན་ལ་གསུམ་སྟེ། མཐོང་ཆོས་ལ་བདེར་གནས་དང་། ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །བསམ་གཏན་ནི། དམིགས་པ་རྩེ་གཅིག་པ་སྟེ། དབྱེ་ན། མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་དང་། གཞན་གྱི་དོན་བྱེད་པའི་བསམ་གཏན་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།