43592
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་ ༣༩ པ་དང་། དགའ་ཁྲི་ ༥༧ པ་བསམ་གཏན་ཕུན་ཚོགས་ནི། ཕྱི་ལོ་ ༡༧༠༢ ཆུ་རྟ་ལོ་དབུས་སྟོད་ཕག་མོར་སྐུ་འཁྲུངས། གཞོན་ནུ་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། གཞུང་ལུགས་རབ་འབྱམས་ལ་རྩལ་སྦྱངས་ཆེ་བས་འབྲས་བུར་མཁས་པའི་ཡང་རྩེར་སོན། དགུང་གྲངས་ ༥༥ ཕེབས་པ། ཕྱི་ལོ་ ༡༧༥༧ མེ་མོ་གླང་གི་ལོར་དགའ་ཁྲིར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ། ཕྱི་ལོ་ ༡༧༧༠ ལྕགས་སྟག་ལོར་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས། |