43605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གང་ཞིག དྲན་པ་དང་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་གིས་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བའི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ། དོན་ནི། །བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། ཡན་ལག་བཞི་ལྡན་ཡིན་ཏེ། ནང་རབ་ཏུ་དྭངས་པ་གཉེན་པོའི་ཡན་ལག །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག ། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་ཏུ་ལྡན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}

བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ (2)
Part of speech མིང་ཚིག
Definition བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཀྱང་ཡིན། རང་གི་ཡན་ལག་ཏུ་གྱུར་པའི་དྲན་པ་དང་བཏང་སྙོམས་ཡང་དག་གཉེན་པོའི་ཡན་ལག་ཏུ་ལྡན་པའི་སྒོ་ནས་ཟག་བཅས་ཀྱི་བདེ་བ་ལ་འདུན་པའི་འདོད་ཆགས་དང་བྲལ་པའི་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པར་དམིགས་པ། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད།

{{#arraymap:བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་

|; |@@@ | | }}