43633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ལ་རྣལ་འབྱོར་པ་རྣམས་ཀྱི་གང་ཟག་ལ་བདག་མེད་པ་དང༌། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས་དང༌། ཀེང་རུས་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་བལྟས་ནས་དང་པོ་ནས་གོང་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། །དོན་རབ་ཏུ་འབྱེད་པའི་བསམ་གཏན་ནི། གང་ཟག་ལ་བདག་མེད་པ་དང༌། རང་དང་སྤྱིའི་མཚན་ཉིད་དང༌། ཕྱི་རོལ་གྱི་མུ་སྟེགས་བྱེད་པ་བདག་དང་གཞན་གཉིས་ཀ་མེད་པར་བྱས་ཏེ། ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམ་ཅན་ནི་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། །དེ་ལ་དམིགས་པའི་བསམ་གཏན་ནི། ཀུན་བརྟགས་པ་བདག་མེད་པ་གཉིས་ཀྱི་རྣམ་པར་མི་རྟོག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི། དེ་བཞིན་གཤེགས་པའི་སའི་རྣམ་པ་ལ་འཇུག་པ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་གྱི་བདེ་བ་ལ་གནས་པས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། །
Domain ཆོས་ལུགས།

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (2)
Part of speech མིང་ཚིག
Definition དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། ༡ འདི་ལ་དགེ་སློང་རྣམས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ། ༢ དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དགེ་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པར་རྟོག་པ་མེད་ལ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ། ༣ དེ་དགའ་བའི་འདོད་ཆགས་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ། ༤ དེ་བདེ་བའང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བའང་ནུས་པས་བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ནས་གནས་པ་སྟེ། འདི་དག་ནི་བསམ་གཏན་བཞིའོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (3)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། བསམ་གཏན་དང་པོ། བསམ་གཏན་གཉིས་པ། བསམ་གཏན་གསུམ་པ། བསམ་གཏན་བཞི་པའོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (4)
Part of speech མིང་ཚིག
Definition རྟོག་དཔྱོད་ནི་བསམ་གཏན་དང་པོ་སྟེ། ས་འོག་མ་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སྤྱོད་པ་ནི་ནད་དང་། ཤུ་བ་ལྟ་བུ་སྐྱོན་ཅན་ཡིན་ལ་གཟུགས་ཀྱི་བསམ་གཏན་དང་པོ་ལ་སོགས་པ་ནི་ཞི་བ་དང་། བདེ་བ་ཡིན་པར་རྟོག་ཅིང་དཔྱོད་པའི་སྒོ་ནས་གོང་མའི་ཡོན་ཏན་ཐོབ་ཏེ་མི་མཐུན་པའི་ཕྱོགས་ཉམས་པའི་དགའ་བ་དང་། བདེ་བ་ཅན་ནོ། ། ༢ དགའ་བ་ནི་བསམ་གཏན་གཉིས་པ་སྟེ། གཉེན་པོ་བསྒོམས་པའི་སྒོ་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་ནོ། ། ༣ བདེ་བ་ནི་བསམ་གཏན་གསུམ་པ་སྟེ། དགའ་བ་ཡོད་ན་དེའི་ཟླས་མི་དགའ་བ་ཡང་འབྱུང་བས་དགའ་བ་སྤོང་ངོ་ཞེས་དགའ་བ་སྤངས་པས་དེའི་ཟླས་མི་དགའ་བ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ། དེ་ནི་བདེ་བ་མ་སྤངས་པས་བདེ་བ་ཅན་ཞེས་བྱའོ། ། ༤ བཏང་སྙོམས་ནི་བསམ་གཏན་བཞི་པ་སྟེ། འོག་མའི་བདེ་བ་ཡོད་ན་དེའི་ཟླས་སྡུག་བསྔལ་ཡང་འབྱུང་བས་བདེ་བ་དེ་ཡང་སྤང་ངོ་ཞེས་བདེ་བ་སྤངས་པས་དེའི་ཟླས་དབུགས་རྔུབ་པ་དང་འབྱུང་བའི་སྡུག་བསྔལ་ཡང་སྤངས་པའི་བཏང་སྙོམས་ཅན་ཏེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་པའི་མཚན་ཉིད་ཅན་ནོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (5)
Part of speech མིང་ཚིག
Definition ཀློང་རྡོལ་གསུང་འབུམ་ལས་བྱུང་བ་སྟེ། ༡ ཉེས་པ་ལྔ་སྤོང་བ། སྤོང་བའི་འདུ་བྱེད་བསྟེན་པ། སེམས་གནས་པའི་ཐབས་དགུ། སྟོབས་དྲུག ཡིད་བྱེད་བཞི་ལ་བརྟེན་ནས་བསྒྲུབ་པའི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཡན་ལག་ལྔ་ལྡན། ༢ བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་ཡན་ལག་བཞི་ལྡན། ༣ བསམ་གཏན་གསུམ་པའི་དངོས་གཞིའི་སྙོམས་འཇུག་ཡན་ལག་ལྔ་ལྡན། ༤ བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཡན་ལག་བཞི་ལྡན་ནོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (6)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉེར་བསྡོགས་ཀྱི་བསམ་གཏན་ནི། དང་པོ་ནི་ཡིད་ལ་བྱེད་པ་དྲུག་པོ་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་དག་ལ་ཞུགས་པ་ཡིན་པར་བལྟ་བར་བྱའོ། ། ༢ ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་གྱི་བསམ་གཏན་ནི། གཉིས་པ་ནི་སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་ནས། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པའི་བར་དག་ཡིན་པར་བལྟ་བར་བྱའོ། ། ༣ དག་པ་འཇིག་རྟེན་པའི་བསམ་གཏན་གྱི་བསམ་གཏན་ནི། གསུམ་པ་ནི་འཇིག་རྟེན་པའི་བསམ་གཏན་ལ་དེ་ལས་གཞན་པའི་དགེ་བ་འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པ་དང༌། ཚད་མེད་པ་ཡིད་ལ་བྱེད་པ་དང༌། འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང༌། མངོན་པར་བསྒྲུབ་པ་དག་གིས་རྣམ་པར་རྩེ་བ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པས་ཡོངས་སུ་ཟིན་པའི་ཚེ་ན་ཡིན་པར་བལྟ་བར་བྱའོ། ། ༤ འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་བསམ་གཏན་ནི། བསམ་གཏན་བཞི་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང་མཚན་མ་མེད་པ་ཡིན་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}

བསམ་གཏན་རྣམ་པ་བཞི་ (7)
Part of speech མིང་ཚིག
Definition འདོད་པའི་བདེ་བ་ལ་ཆགས་པ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ། རྟོག་པ་དང་དཔྱོད་པ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་གཉིས་པ། ཆུ་གཡོ་བ་ལྟ་བུའི་སེམས་དགའ་བ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་གསུམ་པ། འཚོ་བ་བདེ་བ་དང་སྡུག་བསྔལ་དེ་དག་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་བཞི་པའོ། །

{{#arraymap:བསམ་གཏན་རྣམ་པ་བཞི་

|; |@@@ | | }}