From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲ་མ་ (1)
| Part of speech
|
མིང་ཚིག
|
| Definition
|
འདྲ་མཚོན་ནམ་དཔེ་རིས་ཀྱི་སྒོ་ནས་ཤེས་དགོས་པའི་རི་མོ་ཞིག་སྟེ།
|
| Example
|
ས་ཡི་ཁྲ་མ་ལྟ་བུ་སྟེ། ཚིག་བསྡུས་ན་ས་ཁྲ་ཞེས་ཀྱང་འབྲི།
|
ཁྲ་མ་ (2)
| Part of speech
|
མིང་ཚིག
|
| Definition
|
དངོས་རྫས་ཀྱི་གྲངས་དང་སྤུས་ཀ་སོགས་བཀོད་པའི་ཡི་གེའམ་རེའུ་མིག་གི་མིང་སྟེ།
|
| Example
|
རྩིས་ཀྱི་ཁྲ་མ་ལྟ་བུ། ཚིག་བསྡུས་ན་རྩིས་ཁྲ་ཞེས་འབྲི་ཆོག
|
ཁྲ་མ་ (3)
| Part of speech
|
མིང་ཚིག
|
| Definition
|
རྩིས་ལེན་རྩིས་སྤྲོད་བྱས་པའི་དོན་ཏེ།
|
| Example
|
ལས་བྱེད་བརྗེ་སྤོར་སྐབས་ཁྲ་མ་ཁམས་གཙང་དགོས་ལྟ་བུ།
|
ཁྲ་མ་ (4)
| Part of speech
|
མིང་ཚིག
|
| Definition
|
ས་བོན་བཏབ་ནས་ཞག་དྲུག་ཅུའི་དུས་སྨིན་པའི་ནས་ཀྱི་དོན་དུ། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་དང། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་གཉིས་སུ་བཞེད།
|
| Domain
|
གསོ་རིག
|
ཁྲ་མ་ (5)
| Part of speech
|
མིང་ཚིག
|
| Definition
|
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་དུ། རྒྱ་མོན་འབྲས་ལྗོངས་སོགས་སུ་སྐྱེ་བའི་ལྗང་པ་ནས་ལས་ཀྱང་འདབ་ཆེ་ཞིང། སྙེ་མ་འབྲས་ཁྲེ་དང་མཚུངས་པ། གྲ་མ་ཅན་འབྲུ་དཀར་ནག་ཆུང་བ་འོད་འཚེར་ཞིང་འཇམ་པ་ཞིག་ཡིན་པར་བཞེད།
|
ཁྲ་མ་ (6)
| Part of speech
|
མིང་ཚིག
|
| Definition
|
ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་གྱོད་གཞི་དང་ཁ་མཆུ་ཐག་གཅོད་བྱས་པའི་ཡི་གེ
|
ཁྲ་མ་ (7)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གྲམ་གྱི་རི་མོ།
|
ཁྲ་མ་ (8)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་སྐར་ཁུང་དྲྭ་མིག་གི་མིང་སྟེ།
|
| Example
|
ཁྲ་མའི་ནང་ནས་གསང་བ་མཐོང་ལྟ་བུ།
|
ཁྲ་མ་ (9)
| Part of speech
|
མིང་ཚིག
|
| Definition
|
བུད་ཤིང་སྐམ་པོ།
|
| Type
|
ཡུལ་སྐད།
|