43696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་པའི་ཁྱད་པར་དགུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཐེག་པ་རིམ་པ་དགུ་ལ་མཐོང་སྟངས་ཀྱི་དབང་གིས་བསམ་པའི་ཁྱད་པར་དགུ་སྟེ། དབང་པོའི་ངོ་ལ་སྣང་བ་སྣ་ཚོགས་པ་འདི་ལ། ༡ ཉན་ཐོས་པས་རྡུལ་ཕྲ་རབ་ཏུ་མཐོང་། ༢ རང་རྒྱལ་བས་རྟེན་འབྲེལ་དུ་མཐོང་། ༣ དབུ་མ་པས་སྒྱུ་མ་ལྟ་བུར་མཐོང་། སེམས་ཙམ་པས་སེམས་སུ་མཐོང་། ཕ་རོལ་ཏུ་ཕྱིན་པས་སྟོང་པར་མཐོང་། ༤ ཀྲི་ཡས་རིགས་གསུམ་དུ་མཐོང་། ༥ ཨུ་པ་ཡས་རིགས་བཞི་རུ་མཐོང་། ༦ ཡོ་གས་རིགས་ལྔ་རུ་མཐོང་། ༧ མཧཱ་ཡོ་གས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་མཐོང་། ༨ ཨ་ནུས་དབྱིངས་དང་ཡེ་ཤེས་སུ་མཐོང་། ༩ ཨ་ཏིས་རང་བྱུང་གི་ཡེ་ཤེས་ཆེན་པོར་མཐོང་། སྤྱི་ཏིས་ཀ་དག་ཆེན་པོར་དབྱེ་གསལ་མེད་པར་སྣང་བའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]