437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀམ་པ་ཤེས་རབ་འོད་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་མེ་བྱ་ཕྱི་ལོ ༡༠༥༧ ལོར་ཡུལ་ལན་པ་མདའ་ལ་འཁྲུངས། བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་གསོལ། དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་དང་མཇལ། ལྟོ་གོས་ཆོས་གསུམ་གྱིས་ལེགས་པར་བསྐྱངས། སྒྲུབ་པ་ཉམས་ལེན་མཛད་པས་ཚད་མེད་པའི་མངོན་རྟོགས་འཁྲུངས། ཀམ་དགོན་པ་གསར་འདེབས་མཛད། གྲྭ་པ་བདུན་བརྒྱ་ཙམ་ཚོགས་པ་ཡུན་རིང་བསྐྱངས། ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་པོར་བསྒྱུར་ནུས་ཀྱི་ཏིང་ངེ་འཛིན་བརྟན་པོ་ཡང་མངའ། དོན་ལྔ་པ་རབ་བྱུང་གཉིས་པའི་ལྕགས་ཕག་ཕྱི་ལོ ༡༡༣༡ ལོར་སྐུ་གཤེགས།