43701

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་པའི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འདུ་ཤེས་དང་ཀུན་སློང་ངོ་། །དང་པོ་ནི་ངེས་པའི་འདུ་ཤེས་སམ་གཞིའི་ཡན་ལག་གི་རྣམ་པ་དོར་བའི་ཡིད་གཉིས་ཀྱང་རུང་སྟེ། འདུལ་བའི་ལུགས་ཀྱི་ཡིད་གཉིས་ཀྱང་འདུ་ཤེས་ཡིན་ཏེ། ཊཱིཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ཞེས་བཤད་དོ། །གཞིའི་ཡན་ལག་གི་རྣམ་པ་དོར་བའི་ཡིད་གཉིས་ནི་ཡན་ལག་མ་ཡིན་ཏེ། སེམས་ཅན་གྱི་རྣམ་པ་དོར་ཏེ། འདི་ཐོ་ཡོར་ཡིན་ནམ་སྡོང་དུམ་ཡིན་སྙམ་དུ་ཡིད་གཉིས་ཟ་བ་ལྟ་བུའོ། །ཀུན་སློང་ལ་གསུམ་ལས། རྫོགས་པར་བྱེད་པའི་ཀུན་སློང་ནི་བཏང་བ་ཡང་ངོ་ཞེས་པའི་ཤུགས་ཀྱིས་བསྟན་ཏོ། །རིགས་འབྱེད་པའི་ཀུན་སློང་ནི། དེའི་ཆ་ནི་དེར་གཏོགས་སོ་ཞེས་པས་བསྟན་ཏོ། །ཆེད་དུ་བྱ་བའི་ཀུན་སློང་ནི་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པའི་བསྟན་ཏེ། དེ་ལྟར་ན་རང་དོན་ཡན་ལག་དུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་གི་སྐབས་སུ་ནི་ཀུན་སློང་ཆོས་གསུམ་ལྡན་ཡིན་ལ། དེ་དག་ལས་གཞན་གྱི་སྐབས་སུ་ནི་ཀུན་སློང་ཆོས་གཉིས་ལྡན་ནོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།
བསམ་པའི་ཡན་ལག་ (2)
Part of speech མིང་ཚིག
Definition ལྟུང་བ་དངོས་གཞི་བསྐྱེད་པ་ལ་ངེས་པར་ཚང་དགོས་པའི་ཡན་ལག་ཏེ་རང་གི་དོན་དུ་ཀུན་ནས་སློང་བ་ཞིག དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསམ་པའི་ཡན་ལག་ནི། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པས་བསྟན་པ་ཡིན་ཏེ། འཁྲིག་ཚིག་སྨྲ་བ་སོགས་རང་དོན་དུ་བྱེད་པའི་ལྟུང་བ་བསྐྱེད་པ་ལ། རང་ཁོ་ནའི་དོན་ཉིད་དུ་བྱེད་པ་གཙོ་ཆེར་ཡོད་དགོས་པར་བསྟན་པའི་ཕྱིར། དགོས་པའང་ཡིན་ཏེ། རང་གཞན་གཉིས་ཀའི་དོན་ནམ། གཞན་ཁོ་ནའི་དོན་དུ་དེ་དག་བྱས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར། ཞེས་གསུངས།
བསམ་པའི་ཡན་ལག་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག ཡན་ལག་བཅུ་གཉིས་སམ་སྐོལ་མདོ་བཅུ་གཉིས་ཀྱི་ཡ་གྱལ་གཅིག་ཡིན། རྒྱུད་སོ་སོའི་བསམ་པའི་ཤེས་རབ་ཀྱིས་མཚན་མེད་ཀྱི་དོན་ལ་དཔྱོད་ཅིང་ཏིང་ངེ་འཛིན་སྒོམ་པའི་ཡན་ལག་གང་ཡིན་པའོ། །