43702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་པའི་ལས་ (1)
Part of speech མིང་ཚིག
Definition ལས་གཉིས་ཀྱི་ཡ་གྱལ་ཏེ། སེམས་པས་བསྐྱེད་པའམ་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །དེ་ཡང་ལུས་ཀྱི་ནི་ལུས་ལ་བརྟེན་པས་དེའི་ལས་དང་། ངག་ནི་ངག་གི་རང་བཞིན་ཉིད་ལས་སོ། །བསམ་པའི་ལས་དེ་དག་ནི་རྣམ་པར་རིག་བྱེད་དང་རྣམ་པར་བྱེད་མིན་པ་གཉིས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་དབྱིབས་ཀྱང་རྫས་ཁོ་ན་ཡིན་ལ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་དབྱིབས་ཀྱི་བདག་ཉིད་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ནི། ལུས་ངག་གི་རང་བཞིན་ནི་ལས་མ་ཡིན་གྱི་འོན་ཀྱང་དེ་དག་གི་དུས་སུའང་སེམས་པ་ཉིད་ལས་ཡིན་ཏེ། སེམས་པ་དགེ་མི་དགེ་བར་གྱུར་ན་ལུས་ངག་མི་དགེ་བ་དང་དགེ་བར་སྣང་ཡང་དོན་དགེ་བ་དང་། སྡིག་པར་འགྱུར་བའི་ཕྱིར་རོ། །འོ་ན་སེམས་པ་དང་བསམ་པའི་ལས་གཉིས་གསུངས་པ་མ་ཡིན་ནམ་ཞེ་ན། སེམས་པ་དང་བསམ་པའི་ལས་ནི་རིམ་པ་ལྟར་རྒྱུ་དང་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི་ཐམས་ཅད་དུའང་སེམས་པ་ཉིད་ལས་ཡིན་ནོ་ཞེས་བྱ་བར་འདོད་ལ། དོན་འདི་ནི་ཐེག་པ་གོང་མ་པ་ཐམས་ཅད་ཀྱང་བཞེད་པ་ཡིན་ནོ། །
Domain ཆོས་ལུགས།