43705
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པའི་སྒོ་ནས་ཉེས་པ་སྔ་མ་ལ་འགྱོད་སེམས་དང་། ཕྱི་མ་ལ་སྡོམ་སེམས་དང་། ད་ལྟ་ཕྱིར་བཅོས་པར་འདོད་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསྡུས་དོན་ལ་གཉིས་ཡོད་དེ། བསམ་པའི་སྒོ་ནས་ཕྱིར་བཅོས་པ་དང་། སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དང་པོ་ལའང་བཞི་ཡོད་དེ། ཉེས་པ་སྔ་མ་ལ་འགྱོད་སེམས་དང་། ཕྱི་མ་ལ་སྡོམ་སེམས་དང་། ད་ལྟ་ཕྱིར་བཅོས་པར་འདོད་པ་དང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་རྣམས་དགོས་པའི་ཕྱིར། དེ་ཡང་མདོར། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས། ཞེས་གསལ། |
| Domain | ཆོས་ལུགས། |