43717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་བསྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་བླ་ཁྱབ་དགོན་པའི་ངག་དབང་འཕྲིན་ལས་ཀྱི་སྐུ་འཕྲེང་བཞི་པ་ཡིན། ལྕི་ཉིན་ཚང་གསར་ལྷ་ཡི་གདུང་རིགས་ལས་བྱོན་པའི་ཡབ་ཆོས་དགའ་དང་ཡུམ་མཆོག་གཏེར་སྲས་མོ་ལས་མཚན་དཀྱིལ་བཞད། སྐུ་ན་ཆུང་བའི་དུས་ནས་ཚུལ་དང་སྤྱོད་པ་གཞན་ལས་ཁྱད་པར་དུ་གྱུར། རྒྱལ་དབང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེའི་གཙུག་ནོར་དུ་བསྙེན་ཞིང་གསར་རྙིང་གདམས་ངག་གི་བདུད་བརྩིས་ཚིམས་པར་མཛད། གུ་རུ་དྷརྨེ་ཤོ་ར་དང་བཅོད་བླ་པནྱཻ་དྷྭ་ཛ་སོགས་ལས་འབའ་རོམ་དང་ཡབ་མེས་ཀྱི་ཆོས་རྣམས་རྫོགས་པར་གསན། སྡོམ་པ་གསུམ་གྱི་ཉམས་བཞེས་དང་སྒྲུབ་གནས་རཱ་ཛ་རྫོང་དུ་ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཕྱིས་རྒྱལ་དབང་བཅོ་ལྔ་པ་དང་བཅུ་དྲུག་པ་སྐུ་གོང་འོག་གཉིས་ལ་གཏེར་ཆེན་མཆོག་གླིང་གི་ཆོས་བསྐོར་ཡོངས་རྫོགས་ཀྱི་དབང་ལུང་ཕུལ། གཞན་ཡང་འབྲུག་གསང་སྔགས་ཆོས་གླིང་། བྱང་སྟག་ལུང་དགོན། ནང་ཆེན་སྒར། རི་བོ་ཆེ་རྣམས་སུ་བླ་སྤྲུལ་དང་འདུས་སྡེ་མང་པོར་མཆོག་གཏེར་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་མཁའ་ཁྱབ་ཏུ་སྤེལ་བས་རྡོ་རྗེ་ཐེག་པའི་བསྟན་པར་བཀའ་དྲིན་མཚུངས་མེད་དུ་གྱུར། ཁྱད་པར་དུ་ས་སྐྱོང་ནང་ཆེན་ཆོས་རྒྱལ་ཆེན་པོའི་དབུ་ཡི་བླ་མར་བསྐུར། ཆོས་དང་ཟང་ཟིང་གི་དགའ་སྟོན་སྤེལ་ཕྱི་ཡི་གཙུག་ལག་ནང་གི་རྟེན་མཆོག་བར་གྱི་འདུས་གྲྭ་ཆོ་གའི་ཕྱག་ལེན་སྙིང་པོའི་ཉམས་ལེན་སོགས་བཤད་སྒྲུབ་ལས་གསུམ་གྱི་མཛད་པས་བསྟན་འགྲོ་ཡོངས་ཀྱི་བསོས་སུ་གྱུར། ཤིང་ཕོ་སྤྲེལ་ལོར་ཞི་བའི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ནོ། །

{{#arraymap:བསམ་བསྟན་རྒྱ་མཚོ་

|; |@@@ | | }}