43722
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་ཕྱི་ལོ་ ༡༩༠༧ ཟླ་ ༧ པའི་ཚེས་ ༡༨ ཉིན་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཕྱི་སོག་བྱང་ཕྱོགས་སྦོ་རད་ཀྱི་ཡུལ་ད་བ་དུ་ཟེར་བའི་ལུང་བར་ཡབ་ཚེ་སྒྲུབ་རྡོ་རྗེ་དང་ཡུམ་ཚེ་སྐྱིད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པའི་ཐོག་བོད་ཟླ་ ༡ ཚེས་ ༨ ཉིན་ཤོ་ལོ་ཐའི་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༢༢ བོད་ཟླ་ ༦ ཚེས་ ༡༢ ཉིན་ལྷ་སར་འབྱོར། ལོ་དེའི་སྟོན་ཆོས་ཆེན་མོ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཕྱི་ལོ་ ༡༩༥༦ པར་རྒྱ་གར་གནས་ཆེན་ཁག་དང་བལ་ཡུལ་ལ་གནས་སྐོར་ཐེངས་གཉིས་ཕེབས། ཕྱི་ལོ་ ༡༩༦༠ ལོར་གོང་ས་མཆོག་གིས་ཕྱག་རྟགས་ཕེབས་དགོངས་བཞིན་ཝ་ར་ཎ་སིར་དགེ་རྒན་ལ་ཕེབས། ཕྱི་ལོ་ ༡༩༦༢ ལོར་གོང་ས་མཆོག་གི་ཕྱག་རྟགས་དགོངས་དོན་བཞིན་ཡོ་རོབ་ཧོ་ལན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོར་ལོ་དྲུག་བཞུགས། ཕྱི་ལོ་༡༩༧༨ ཕྱི་ཟླ་ ༢ ཚེས་ ༡༩ ཉིན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། དགུང་གྲངས་གྱ་གསུམ་དུ་ཕེབས་པ་ཕྱི་ལོ་ ༡༩༩༠ ཐམ་པའི་ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །རྒྱས་པར་རང་རྣམ་དུ་གསལ། གསུང་འབུམ་པོད་གསུམ་བཞུགས། |