43724
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་བ་དགེ་བཤེས་གྲགས་ཅན་ཞིག་ཡོད་མོད་རྣམ་ཐར་ཡི་གེར་བྲིས་པ་མི་སྣང། སྐུ་འབུམ་བྱམས་པ་གླིང་གི་གྲྭ་བགྲེས་དག་གི་ངན་རྒྱུན་ལ། འདི་བ་སྐུ་འབུམ་རྒྱ་ཡག་ཏུ་འཁྲུངས་ཏེ་དབུས་ཀྱི་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་མཁས་པར་གྱུར། དབུས་ནས་རང་ཡུལ་དུ་ཕེབས་སྐབས་ཤིག་ལ་ཆ་གསུམ་གཏོང་མ་ཤེས་པར་ཡུལ་བ་རྣམས་ཀྱིས་འཕྱས་པ་ལ་རྡོ་འདམ་ལྟར་བརྫིས་ཏེ་གཏོར་མ་བཟོས་པ་འཁྲུངས་གཞིས་སུ་ཡོད་ཅེས་གྲགས། སུམ་པ་ཡེ་ཤེས་དཔལ་འབྱོར་འབྲས་སྤུངས་སྒོ་མང་དུ་བཞུགས་སྐབས་རྗེ་འདི་བ་ལས་སུམ་རྟགས་སོགས་གསན་པ་རང་རྣམ་དུ་གསལ་བ་སོགས་ལ་གཞིགས་ན་རབ་བྱུང་བཅུ་གཅིག་པའི་ནང་དུ་བྱོན་པར་སྙམ། |