43725

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་བློ་སྦྱིན་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ཕྱི་ལོ ༡༦༢༩ ལོར་མདོ་ཁམས་རྨ་ཆུའི་བྱང་ངོས་སེ་མདོར་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་། དབུས་སུ་ཕེབས། འབྲས་སྒོ་མང་གྲ་ཚང་དུ་ཞུགས། གཞུང་ཆེན་ལྔར་ཐུགས་བརྩོན་མཛད། དཀའ་བཞིའི་གྲྭ་སྐོར་མཛད། སྨད་རྒྱུད་གྲྭ་ཚང་དུ་ཕེབས། རྒྱུད་སྡེ་བཞི་ལ་དཔྱིས་ཕྱིན་པའི་ཐོས་བསམ་གནང་། མཁས་གྲུབ་མང་པོ་བསྟེན་ནས་བཀའ་འགྱུར་དང་། བཀའ་གདམས་གཞུང་དྲུག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་ཀྱི་ལུང་རྣམས་གསན། རྒྱལ་དབང་ལྔ་པ་ཆེན་པོ་ལས་བྱང་ཆུབ་ལམ་རིམ་གྱི་ཁྲིད་གསན། རྒྱུད་སྨད་དང་། བྱང་རྩེའི་འཆད་ཉན་པ་མཛད། འགྲེལ་བ་བཞི་སྦྲགས་གཟབ་བཤད་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ལོ་ཕྱི་ལོ ༡༦༩༢ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་གསུམ་རིང་བསྐྱངས། ལྷ་ལྡན་སྨོན་ལམ་ཐོག་ཏུ་སྐྱེས་རབས་སོ་བཞིའི་གཟབ་བཤད་གནང། རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ ༡༦༩༥ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་དྲུག་པ་ཡིན། མཚན་གཞན། ངག་དབང་དཔལ་བཟང་དང་། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་ཞེས་ཞུ།