43727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་མི་ཁྱབ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བསམ་མི་ཁྱབ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཞེ་གསུམ་པ་ཡིན། བརྗོད་བྱ། སྐྱབས་སེམས་དང་སེམས་ནམ་མཁའ་ལ་བསླབ་སྟེ། མིང་སྐྱེ་མེད་བསམ་མི་ཁྱབ། དོན་སྐྱེ་མེད་བསམ་མི་ཁྱབ། ཏིང་ངེ་འཛིན་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སོགས་པའི་དམིགས་རིམ་རྣམས་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། རྟ་མཆོག་བཱི་ཎ་ཨིནྡྲ་བྷཱུ་ཏིའི་ཞབས། ལེགས་སྨིན་སྒེག་རྡོར་གུནྡྷ་རི་པ་དང་། པདྨ་བཛྲ་དཔལ་ལྡན་ཆོས་ཀྱི་སྡེ། བཟང་པོ་ཏོག་རྩེ་པ་དང་བྷུ་ཥ་ན། དྷ་མ་ཀརྞ་དཔའ་པོ་རྡོ་རྗེ་བ། འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང་། ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང་། དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་བཙུན་གྲགས་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།