43741
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མ་འབྱུང་གནས་གསུམ་གྱིས་བཞེངས་སུ་བཅུག་པའི་ལྷ་ཁང་ཞིག་སྟེ། ལྷ་ཁང་གི་ཕྱིའི་བཀོད་པར་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་བཅས་པའི་མཚོན་བྱེད་ཚང་བའི་རྒྱ་གར་གྱི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས། འོག་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་བོད་ལུགས་དང༌། བར་ཐོག་གི་ཁང་པ་ལྷ་དང་བཅས་པའི་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་གི་ཁང་པ་ལྷ་དང་བཅས་པའི་བཟོ་དབྱིབས་རྒྱ་གར་ལུགས་ཡིན་པའི་བཟོ་དབྱིབས་ཁྱད་དུ་འཕགས་པ་དང༌། ལོ་རྒྱུས་ཐོག་གཙུག་ལག་ཁང་འདིར་མེ་སྐྱོན་ཐེངས་འགའ་བྱུང་ཡང་ཚང་མ་ཉམས་གསོ་བྱས། |