43742
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་འབྱམས་དམ་པའི་ཞིང་གི་ཡོན་ཏན་ཀུན་ཚང་དཔལ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གསོའི་སྲི་ཞུ་ཇི་ལྟར་བསྒྲུབས་པའི་ཚུལ་གྱི་ཁྱད་པར་བརྗོད་པའི་དཀར་ཆག་སྐལ་བཟང་དད་པའི་སྒོ་འབྱེད་ངོ་མཚར་རྒྱ་མཚོའི་རེའུ་མིག་ཅེས་བྱ་བ་འདི་སྤྱིར་ཁྲི་སྲོང་ལྡེ་བཙན་སྐབས་སུ་སྦ་གསལ་སྣང་གིས་བརྩམས་པར་གྲགས་པའི་སྦ་བཞེད་དང༌། རབ་བྱུང་དང་པོའི་སྐབས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བརྩམས་པའི་བསམ་ཡས་དཀར་ཆག་ཆེན་མོ་ཞེས་པ་གཉིས་འདུག་ནའང༌། བཀའ་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོས་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་བརྩམས་པའི་བསམ་ཡས་དཀར་ཆག་འདིར་སྐུ་གསུང་ཐུགས་རྟེན་ལེགས་གསོ་ཞུས་ཚུལ་ཞིབ་ཏུ་བརྗོད་པ་དང་བསྡུར་ན་སྔ་ཕྱིའི་ཁྱད་པར་ཤེས་ཐུབ་པ་དང༌། མཛད་བྱང་དུ་ཞལ་འདེབས་འབུལ་མཁན་སྦྱིན་པའི་བདག་པོའི་མིང་ཐོ་ཡོད་པ་དེ་ལས་སྐབས་དེའི་སྒེར་དྲག་རྣམས་ཀྱི་གནས་ཚུལ་དཔྱད་གཞིའང་ཡིན། |