43751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་རྒྱུན་ཐ་དད་པ་ལ་ལྟུང་བ་ཐ་དད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། སྦྱོར་བ་དང་དངོས་གཞི་གཉིས་ཀྱི་བར་དུ་འདུན་པ་ལོག་པ་ལྟ་བུའི་བར་དུ་ཆོད་ན་སྔ་ཕྱི་གཉིས་ཀྱི་ལྟུང་བ་རིགས་ཐ་དད་གཉིས་སུ་གྱུར་པས་ཕྱིར་བཅོས་ཀྱང་ཐ་དད་དུ་དགོས་པའི་ལྟུང་བའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསམ་རྒྱུན་ཐ་དད་པ་ལ་ཅིར་འགྱུར་ཞེ་ན། བཤད་དུ་ཡོད་དེ། བཏང་བ་ཡང་ངོ་། ཞེས་འབྱུང་བ་ལྟར། ལྟུང་བ་བྱེད་པར་བརྩམས་ནས་འདུན་པ་ལོག་པའི་དབང་གིས་བྱ་བ་དེ་བཏང་ནས་ཡང་སྔར་གྱི་འཕྲོ་ཟིན་པར་བྱས་ན་ལྟུང་བ་ཐ་དད་པས་ཕྱིར་བཅོས་ཐ་དད་དུ་བྱ་དགོས་པའི་ཕྱིར།
Example དགེ་སློང་གིས་སྟན་གཉིས་པ་བྱེད་པར་བརྩམས་པ་འདུན་པ་བཏང་ཡང་སྟན་གཉིས་པ་བྱས་ཏེ། སྔར་བརྩམས་པ་དང་གཉིས་ཀ་ཟིན་པ་ན་ལྟུང་བ་ཐ་དད་པས་ཕྱིར་བཅོས་ཐ་དད་དུ་བྱ་དགོས་པ་བཞིན་ནོ། །ཞེས་གསུངས།
Domain ཆོས་ལུགས།