43761
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསམ་པ་དེ་ནི་ལུས་ངག་གིའོ། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །བསམས་པའི་ལས་ལུས་ངག་གི་རྣམ་པར་རིག་བྱེད་ལ་འདོད་པ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་སོ། །ཞེས་དང་། མདོ་སྡེ་པ་ཡན་ཆད་ནི། དེ་དུས་ཀྱི་ཀུན་སློང་ལ་འདོད་ལ། དེ་ལ་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ཡོད་པར་འདོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །བསམ་པའི་ལས་ནི་ལས་མཚན་ཉིད་པ་ཡིན་ཞིང། ངོ་བོ་གཟུགས་ཅན་དུ་འདོད་དགོས་པ་ཡིན། དེ་ལ་དབྱེ་ན་ལུས་ཀྱི་ལས་དང་། ངག་གི་ལས་གཉིས། དེ་དག་ལ་དབྱེ་ན་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |