43771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསལ་བྱ་ལོག་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བདེན་གཉིས་ངོ་བོ་གཅིག་ཏུ་འདུར་མི་རུང་བར་འཛིན་པའི་བློ་མངོན་གྱུར་བར་དམིགས་པ་སྐབས་འདིར་བསྟན་བསལ་བྱ་ལོག་རྟོག་གི་མཚན་ཉིད། དབྱེ་ན། དམིགས་པ་འཐད་པ་ལ་ལོག་པར་རྟོག་པ། དམིགས་པའི་ངོ་བོ་ཉིད་ངེས་པར་གཟུང་བ་ལ་ལོག་པར་རྟོག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པ། བདེན་པ་གཉིས་ལ་ལོག་པར་རྟོག་པ། སྦྱོར་བ་ལ་ལོག་པར་རྟོག་པ། སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ། ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ། དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ། ཐབས་མཁས་པ་ལ་ལོག་པར་རྟོག་པ། ཐུབ་པའི་མངོན་པར་རྟོག་པ་ལ་ལོག་པར་རྟོག་པ། ཕྱིན་ཅི་ལོག་ལ་ལོག་པར་རྟོག་པ། བྱང་སེམས་ཀྱི་ལམ་བསྒོམ་པར་བྱེད་པ་ལ་ལོག་པར་རྟོག་པ། གཉེན་པོ་ལ་ལོག་པར་རྟོག་པ། མི་མཐུན་ཕྱོགས་ལ་ལོག་པར་རྟོག་པ། ཆོས་ཀྱི་མཚན་ཉིད་ལ་ལོག་པར་རྟོག་པ། སྒོམ་པ་ལ་ལོག་པར་རྟོག་པ་དང་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར།
Domain ཆོས་ལུགས།