43773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསལ་བྱ་ལོག་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀླན་ཀ་ཇི་ལྟར་འབྱུང་བའི་ཚུལ་ལ། ཀུན་རྫོབ་སྒོ་ཅན་གྱི་དེ་དང༌། དོན་དམ་སྒོ་ཅན་གྱི་དེ་གཉིས། དབུ་མ་པའི་ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་ནས་དབུ་མ་པའི་ལུགས་སུན་འབྱིན་པར་བྱེད་པའི་དངོས་སྨྲ་བས་བརྗོད་པའི་སུན་འབྱིན་དུ་དམིགས་པ། ཀུན་རྫོབ་སྒོ་ཅན་གྱི་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། དེ་ལ་ཡང་དབུ་མ་པའི་ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་གྱི་རྣམ་གཞག་སུན་འབྱིན་པ་གཅིག་དང༌། དབུ་མ་པའི་དེའི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་ཀྱི་རྣམ་གཞག་སུན་འབྱིན་པའི་སུན་འབྱིན་གཉིས་སུ་ཡོད། མཚན་གཞི་རིམ་པ་བཞིན། དངོས་པོ་བདེན་པར་གྲུབ་པར་ཐལ། རྣམ་མཁྱེན་གྱི་དམིགས་པ་འཐད་པའི་ཕྱིར་དང༌། དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་ཕྱིན་ཅི་ལོག་གི་བློ་མ་ཡིན་པར་ཐལ། དེ་འཁྲུལ་ཤེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། ། དབུ་མ་པའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་དབུ་མ་པའི་ལུགས་སུན་འབྱིན་པར་བྱེད་པའི་དངོས་སྨྲ་བས་བརྗོད་པའི་སུན་འབྱིན་དུ་དམིགས་པ། དོན་དམ་སྒོ་ཅན་གྱི་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། དེ་ལ་ཡང་དབུ་མ་པའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་ཀྱི་དེ་སུན་འབྱིན་པ་དང། དེའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་གྱི་དེ་སུན་འབྱིན་པ་དང་གཉིས། མཚན་གཞི་རིམ་པ་བཞིན། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། དངོས་པོ་བདེན་པར་མ་གྲུབ་པའི་ཕྱིར་དང༌། དངོས་པོ་བདེན་པས་སྟོང་པའི་སྟོང་ཉིད་བདེན་པར་གྲུབ་པར་ཐལ། དངོས་པོ་བདེན་པར་མ་གྲུབ་པའི་ཕྱིར། ཞེས་པ་ལྟ་བུའོ། །ཀླན་ཀ་སྤོང་ཚུལ་ནི། མྱུ་གུ་ཆོས་ཅན། དོན་དམ་པར་ས་བོན་ལས་སྐྱེས་པར་ཐལ། ས་བོན་ལས་སྐྱེས་པའི་ཕྱིར། ཞེས་དབུ་མ་པའི་ཀུན་རྫོབ་ཀྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་ལན་འདེབས་པའི་ཚེ། དོན་དམ་གྱི་སྒོ་ནས་གདབ་དགོས་པས། དེ་འདྲའི་ཐལ་འགྱུར་ལ་ཁྱབ་པ་མེད་དེ། ས་མྱུག་གཉིས་པོ་དོན་དམ་པར་མ་གྲུབ་པའི་ཕྱིར། ཞེས་ལན་འདེབས་དགོས་སོ། །མྱུ་གུ་ཆོས་ཅན། ས་བོན་ལས་མི་སྐྱེ་བར་ཐལ། དེ་ལས་དོན་དམ་པར་མི་སྐྱེ་བའི་ཕྱིར། ཞེས་དབུ་མ་པའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ལན་འདེབས་པའི་ཚེ་ན། ཀུན་རྫོབ་ཀྱི་སྒོ་ནས་གདབ་དགོས་པས། དེ་འདྲའི་ཐལ་འགྱུར་ལ་ཁྱབ་པ་མེད་དེ། མྱུ་གུ་ཐ་སྙད་དུ་ས་བོན་ལས་སྐྱེ་ཡང༌། དོན་དམ་པར་མི་སྐྱེ་བའི་ཕྱིར། ཞེས་ལན་འདེབས་པར་བྱེད་དོ། །དེས་ན་ཀླན་ཀ་སྤོང་ཚུལ་གཉིས་བསྟན་པ་ལ་དགོས་པ་ཡོད་དེ། ཀུན་རྫོབ་སྒོ་ཅན་གྱི་དེ་སྤངས་པ་ལ་བརྟེན་ནས་སྐུར་འདེབས་ཀྱི་ལྟ་བ་ངན་པ་བསལ་བའི་སྒོ་ནས་མངོན་པར་མཐོ་བའི་གོ་འཕང་སྒྲུབ་པར་བྱེད། དོན་དམ་སྒོ་ཅན་གྱི་དེ་སྤངས་པ་ལ་བརྟེན་ནས་སྒྲོ་འདོགས་ཀྱི་ལྟ་བ་ངན་པ་བསལ་བའི་སྒོ་ནས་ངེས་ལེགས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ཕྱིར་རོ། ཀླན་ཀ་སྤོང་ཚུལ་གཉིས་བསྟན་པ་ལ་དགོས་པ་ཡོད་དེ། ཀུན་རྫོབ་སྒོ་ཅན་གྱི་དེ་སྤངས་པ་ལ་བརྟེན་ནས་སྐུར་འདེབས་ཀྱི་ལྟ་བ་ངན་པ་བསལ་བའི་སྒོ་ནས་མངོན་པར་མཐོ་བའི་གོ་འཕང་སྒྲུབ་པར་བྱེད། དོན་དམ་སྒོ་ཅན་གྱི་དེ་སྤངས་པ་ལ་བརྟེན་ནས་སྒྲོ་འདོགས་ཀྱི་ལྟ་བ་ངན་པ་བསལ་བའི་སྒོ་ནས་ངེས་ལེགས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:བསལ་བྱ་ལོག་སྒྲུབ་

|; |@@@ | | }}

བསལ་བྱ་ལོག་སྒྲུབ་ (2)
Part of speech མིང་ཚིག
Definition གཙོ་བོ་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་ལ་ལོག་པར་རྟོག་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ཡིན་ལ། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤང་བར་བྱ་བའམ་དོར་བར་བྱ་བ་ཡིན་པས་ན་བསལ་བྱ་ལོག་སྒྲུབ་ཅེས་འཇོག་པ་ཡིན། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བདེན་གཉིས་གཞི་གཅིག་ལ་གཞི་མཐུན་དུ་འདུར་མི་རུང་བར་འཛིན་པའི་བློ་མངོན་གྱུར་པའམ་ས་བོན་གང་རུང་ཞིག་ལ་འཇོག་པའི་ཕྱིར། དེ་ལ་དབྱེ་ན་དམིགས་པ་ལ་ལོག་པར་རྟོག་པ་སོགས་བཅུ་དྲུག་ཡོད། ས་མཚམས་ལམ་མ་ཞུགས་ནས་རྒྱུན་མཐའི་བར་ན་ཡོད། ཅེས་གསུངས།

{{#arraymap:བསལ་བྱ་ལོག་སྒྲུབ་

|; |@@@ | | }}