43776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསལ་བྱའི་ཀླན་ཀ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསལ་བྱ་ཀླན་ཀའི་མཚན་ཉིད་ནི། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་པོ་གང་རུང་ལ་བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་ངོ་། །དབྱེ་ན། དོན་དམ་སྒོ་ཅན་གྱི་ཀླན་ཀ་དང། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་གཉིས། མཚན་ཉིད་རིམ་བཞིན། དང་པོ། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་པོ་གང་རུང་ལ་དོན་དམ་རྒྱུ་མཚན་དུ་བྱས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་ངོ་། །གཉིས་པ། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་པོ་གང་རུང་ལ་ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།