4379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲ་འབྲུག་ལྷ་ཁང་ (1)
Part of speech མིང་ཚིག
Definition སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་གོང་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་བདུན་བཞེངས་པའི་ནང་གི་སྔ་ཤོས་འདི་ཡིན། ལྷོ་ཁ་ས་ཁུལ་ཁོངས་རྩེད་ཐང་གྲོང་ཚོའི་ཤར་ལྷོའི་མཚམས་རྐང་ཐང་གིས་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་བའི་ཐང་དཀྱིལ་དུ་ཡོད། ལྷ་ཁང་འདིར་ཁྲ་འབྲུག་ཅེས་ཐོགས་པའི་རྒྱུ་མཚན་ནི། ལྷ་ཁང་ས་འདུལ་སྐབས་ཁྱུང་ཆེན་པོ་ཞིག་བྱུང་སྟེ་མཚོ་སྟེང་ལྡིང་ཚེ། ཀླུ་གདུག་པ་མགོ་ལྔ་པ་ཞིག་བྱུང་བ་ལ། སྔགས་པས་ཆོ་ག་བྱས་མཉམ་པར་བཞག་པ་དང་གནམ་རལ་བ་དང་ས་གྲུམ་པ་སྐད་དུ་སྒྲ་ཆེན་པོ་གྲག སྐྱེ་བོ་ཐམས་ཅད་བྱེར། ས་གཞི་འགུལ། འདབ་ཐམས་ཅད་ཀྱང་འཕུར་ཏེ་ནམ་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་འདོན་པ་ཞིག་བྱུང་ནས་བྱ་དེའི་གཤོག་པ་སྤུ་གྲི་ལྟ་བུས་སྦྲུལ་མགོ་ལྔ་སྐད་ཅིག་ལ་བཅད་དེ་མཚོ་ཁྲག་ཉོག་སོང་ནས་བྱེ་མ་ལ་ཆུ་ཕོས་པ་ལྟར་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པ་དབུས་སུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦས་ཤིང་དེའི་སྟེང་དུ་ལྷ་ཁང་བཞེངས་པའི་རྒྱུ་མཚན་གྱི་དེ་ལྟར་ཐོགས། ལྷ་ཁང་འདིའི་དབུས་ཀྱི་གཙང་ཁང་དབུས་མ་ཀ་བཞི་མའི་ནང་སྔོན་དུས་སུ་རྟེན་གཙོ་གསང་འདུས་འཇམ་དཔལ་རྡོ་རྗེ་དང་རྣམ་སྣང་གཡས་སུ་འོད་དཔག་མེད། གཡོན་དུ་མི་བསྐྱོད་པ་སོགས་བཅུ་གསུམ། རིན་འབྱུང་དང་དོན་གྲུབ་གཉིས་གོང་པོ་རི་ནང་བཞུགས་པའི་ཚབ་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལི་མ་ལས་བཞེངས་གནང་མཛད་པ་རིན་འབྱུང་དང་དོན་གྲུབ་གཉིས། ལི་ཡུལ་ནས་གདན་དྲངས་ཤིང་སྲོང་བཙན་སྒམ་པོར་གསུང་བྱོན་པར་གྲགས་པའི་སྒྲོལ་མ་ཞལ་ཟས་མ་བཅས་དང༌། གཙང་ཁང་གི་གཡས་སུ་ཡོད་པའི་དཀོར་མཛོད་ནང་བཙན་པོའི་སྐབས་བཞེངས་པར་གྲགས་པའི་སྲོང་བཙན་དང་རྒྱ་བལ་བཙུན་མོ་གཉིས། མགར་སྟོང་བཙན། ཐུ་མི་སམ་ལྷོ་ཊ་བཅས་མི་ཚད་ཙམ་རེ་དང༌། ཕྱིས་སུ་གསར་བཞེངས་ལྷ་སྐུ་ཁ་ཤས། དཀོར་མཛོད་གཡོན་ཆོས་རྒྱལ་སྲོང་བཙན་གྱི་གསོལ་ཐབ་ཏུ་གྲགས་པར། སྤྱན་རས་གཟིགས་འགྲོ་འདུལ་དང༌། ཛམྦྷ་ལ། ཡུམ་ཡི་གེ་དྲུག་མ། སྲས་དང་སྲས་མོའི་སྐུ། ཕྱི་ཁྱམས་སུ་ཐུ་མི་སམ་བྷོ་ཊས་གསེར་བྲེ་བདུན་གྱིས་བྲིས་གནང་མཛད་པའི་མ་ཎི་ཡིག་དྲུག་ཨོཾ་ལ་རིང་ཆ་ཡོད་ཅིང༌། ཡིག་འབྲུ་རེར་རིང་ཚད་མཐོ་གང་ཙམ་ཡོད་པ་སོགས་གནའ་རབས་ཀྱི་རིག་དངོས་རྩ་ཆེན་ཤིན་ཏུ་མང༌།

{{#arraymap:ཁྲ་འབྲུག་ལྷ་ཁང་

|; |@@@ | | }}