43820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསིལ་བྱེད་ (1)
Part of speech མིང་ཚིག
Definition ཁ་བ་སྟེ། ཧ་ཅང་གྲང་བས་སོ། །
Type མངོན་བརྗོད།
བསིལ་བྱེད་ (2)
Part of speech མིང་ཚིག
Definition བ་མོ་སྟེ། ཁ་བ་ལྟར་འཆགས་ནས་བསིལ་བར་བྱེད་པས་སོ། །
བསིལ་བྱེད་ (3)
Part of speech མིང་ཚིག
Definition ཟླ་བ་སྟེ། འོད་བསིལ་བ་སྦྱིན་པར་བྱེད་པས་སོ། །
བསིལ་བྱེད་ (4)
Part of speech མིང་ཚིག
Definition སྤྲིན་པ་སྟེ། འདི་ཡིས་ཉི་མའི་ཚ་ཟེར་བསྒྲིབས་ནས་ལུས་བསིལ་བར་བྱེད་པས་སོ། །
བསིལ་བྱེད་ (5)
Part of speech མིང་ཚིག
Definition རླུང་སྟེ། ཚད་པ་ཆེ་དུས་བསེར་བུས་ལུས་བསིལ་བར་བྱེད་པས་སོ། །
བསིལ་བྱེད་ (6)
Part of speech མིང་ཚིག
Definition ཙན་དན་ཏེ། འདིའི་ཁུ་བ་ལུས་ལ་བྱུགས་ན་བསིལ་བ་སྟེར་བས་སོ། །
བསིལ་བྱེད་ (7)
Part of speech མིང་ཚིག
Definition ལྷའི་ལྗོན་པ་སྟེ། ཡལ་འདབ་ཀྱིས་བསིལ་བ་སྦྱིན་པས་སོ། །
བསིལ་བྱེད་ (8)
Part of speech མིང་ཚིག
Definition ཏིག་ཏ་སྟེ། ནུས་པ་ཤིན་ཏུ་བསིལ་པས་སོ། །