43896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསེ་སྐུ་ཕྲེང་དང་པོ་ངག་དབང་བཀྲ་ཤིས་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར་མདོ་སྨད་རེབ་གོང་གི་སའི་ཆ་བསེ་ཉ་ལུང་དུ་ཡབ་རིན་ཆེན་སྐྱབས་དང་ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ཆུང་དུས་ནས་མ་ཎི་བ་ཡིན་ཟེར་ནས་བྱིས་པ་མང་པོ་ལ་མི་ཎི་བསྐུལ་བ། ཕྱག་དབང་འཇོག་པ། ཁྲི་ལ་བཞུགས་ནས་ཕྱོགས་སུ་བཀྲ་ཤིས་བརྗོད་པའི་ཚུལ་སོགས་དམ་པའི་སྤྱོད་ཚུལ་ངང་གིས་བརྟས། དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དང་རྭ་བ་སྟོད་རྒྱུད་སྨད་སོགས་སུ་མདོ་སྔགས་གཉིས་ལ་ཐུགས་གཉེར་གྱིས་མཁས་པའི་གཙུག་རྒྱན་དུ་གྱུར། གཞུང་སར་ཕར་ཕྱིན་གདོང་ལྔའི་སྒྲ་དབྱངས་ཀྱི་རྒྱུགས་རིང་ཕུལ་བས་རྒྱལ་དབང་དྲུག་པ་ཆེན་པོས་ཐུགས་དགྱེས་པའི་གསུང་དང་གནང་ཆ་གང་རྒྱས་བསྩལ། མཚན་ལ་གཟིམ་དཀྲོག་པའི་ཆེད་དུ་ཕ་བོང་ཆེན་པོ་ཞིག་ལ་རྡོ་ཞིག་གིས་རྡེག་བཞིན་དུ་བརྩི་བཞག་སྐྱོང་བས་ཕ་བོང་དེ་རྡོ་སྣོད་ཆེན་པོ་ལྟ་བུ་ཞིག་ཏུ་སོང་བ་དུས་ཕྱིས་པར་ཀླུ་འབུམ་ཁང་ཚན་གྱི་ནང་ཡོད། དགུང་ལོ་སོ་གཉིས་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལྷན་མདོ་སྨད་དུ་བྱོན་ནས་བཀྲ་ཤིས་འཁྱིལ་གསར་འདེབས་ལ་བྱས་རྗེས་ཆེ། དེ་གའི་ཁྲི་རབས་གཉིས་པར་བཞུགས། དགུང་ལོ་རེ་གཅིག་པ་ས་རྟ་ཕྱི་ལོ་ ༡༧༡༧ ལོར་དགོངས་པ་རྫོགས། གསུང་རྩོམ་ཀུན་མཁྱེན་རྣམ་ཐར་བཙན་པོ་མ་སོགས་རྣམ་ཐར་དང་ཟིན་བྲིས་བརྒྱད་སོགས་གཞུང་ཆེན་འགྲན་ཟླ་བྲལ་བ་མང།

{{#arraymap:བསེ་སྐུ་ཕྲེང་དང་པོ་ངག་དབང་བཀྲ་ཤིས་

|; |@@@ | | }}